红原县医疗保障局关于门诊特殊疾病病种、申请方式及医疗待遇的公告(ཁྱུང་མཆུ་རྫོང་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྒོ་བསྟེན་དམིགས་བསལ་ནད་གཞིའ
2023-09-11 红原县人民政府
参保人员患病后需长期门诊治疗的慢性疾病纳入门诊特殊疾病管理。门诊特殊疾病按病种分慢性疾病和重特大疾病两类。
སྨན་བཅོས་འགན་སྲུང་དུ་ཞུགས་པའི་སྡོད་དམངས་ལ།ཡུན་རིང་དུ་སྒོ་བསྟེན་སྨན་བཅོས་བྱེད་དགོས་པའི་དལ་བའི་རང་བཞིན་གྱི་ནད་བྱུང་ཚེ།སྒོ་བསྟེན་དམིགས་བསལ་ནད་རིགས་སུ་བཅུག་ནས་དོ་དམ་བྱེད་དགོས།སྒོ་བསྟེན་དམིགས་བསལ་ནད་རིགས་ལ་དལ་བའི་རང་བཞིན་གྱི་ནད་དང་དམིགས་བསལ་ཚབས་ཆེའི་ནད་ཅེས་གཉིས་དབྱེ།དེའི་ཁྲོད་དལ་བའི་རང་བཞིན་གྱི་ནད་ལ་བསྡོམས་པའི་རིགས་སུམ་ཅུ་སོ་གསུམ་དང་།དམིགས་བསལ་ཚབས་ཆེ་ལ་བརྒྱད་དོ།།
居民共有33个慢性病种;重特大疾病共有8个病种。纳入门诊特殊疾病管理具体疾病病种分类如下:
慢性疾病:1.高血压病;2.糖尿病;3.冠状动脉粥样硬化性心脏病;4.肝硬化;5.甲状腺功能亢进症或减退症;6.类风湿关节炎;7.慢性肺源性心脏病;8.精神类疾病(精神分裂症、抑郁症、躁狂症、偏执型精神障碍);9.脑血管意外后遗症;10.慢性病毒性肝炎;11.结核病;12.帕金森病;13.再生障碍性贫血;14.风湿性心脏病;15.高原性心脏病;16.痛风;17.肾病综合征;18.干燥综合症;19.癫痫;20.硬皮病;21.阿尔茨海默病;22.特发性血小板减少性紫癜;23.强直性脊柱炎;24.视网膜黄斑病变;25.0-14周岁(含14周岁)儿童先心病;26.白癜风;27.血友病;28.红细胞增多症;29.儿童脑瘫;30.苯丙酮尿症;31.肺结核;32.耐多药肺结核;33.重度骨质疏松。
重特大疾病:1.恶性肿瘤;2.慢性肾功能衰竭;3.肾、肝移植术后的抗排斥治疗;4.系统性红斑狼疮;5.重症肌无力;6.肝豆状核变性;7.普拉德-威利综合征;8.原发性生长激素缺乏症。
报销标准འགྲོ་སོང་རྩིས་ཞུའི་བསྡུར་ཚད།
慢性疾病门诊医疗费用不设起付线,报销比例为70%。可申请多个病种,单病种年度内最高支付限额为3000元,两种及以上病种年度内最高支付限额为4000元。
2021年国考
དལ་བའི་རང་བཞིན་གྱི་ནད་གཞིར་སྒོ་བསྟེན་སྨན་བཅོས་ལས་བྱུང་བའི་འགྲོ་སོང་ལ་ཐོག་མའི་འཇལ་དངུལ་མི་དགོས་ཤིང་།འགྲོ་སོང་རྩིས་ཞུའི་བསྡུར་ཚད་ནི་བརྒྱ་ཆ་༧༠དང་།ནད་རིགས་དུ་མ་རེ་ཞུ་བྱས་ཆོག་ལ།ལོ་འཁོར་གཅིག་གི་ནང་དུ་རིགས་ཅིག་གི་ཆེས་མཐོའི་གཏོང་སྤྲོད་བཅད་གྲངས་ནི་སྒོར་༣༠༠༠དང་།ནད་རིགས་གཉིས་སམ་དེ་ལས་མང་བར་ཆེས་མཐོའི་གཏོང་སྤྲོད་བཅད་གྲངས་ནི་སྒོར་༤༠༠༠ཡིན་ནོ།།
重特大疾病门诊医疗费用年度起付线600元,报销比例为80%,年度内最高支付限额门诊与住院报销合并计算。(25万元)
ལོ་འཁོར་གཅིག་གི་ནང་དམིགས་བསལ་ཚབས་ཆེའི་ནད་གཞིར་སྒོ་བསྟེན་སྨན་བཅོས་ལས་བྱུང་བའི་འགྲོ་སོང་གི་ཐོག་མའི་འཇལ་དངུལ་ནི་སྒོར་༦༠༠ཡིན་ལ།འགྲོ་སོང་རྩིས་ཞུའི་བསྡུར་ཚད་ནི་བརྒྱ་ཆ་༨༠དང་།ལོ་འཁོར་གཅིག་གི་ནང་སྒོ་བསྟེན་སྨན་བཅོས་ཀྱི་ཆེས་མཐོའི་བཅད་གྲངས་དང་སྨན་ཁང་དུ་བསྡད་པའི་འགྲོ་སོང་གཉིས་མཉམ་དུ་རྩིས་རྒྱག་གོ།༼ཆེས་མཐོའི་གཏོང་སྤྲོད་བཅད་གྲངས་ནི་སྒོར་ཁྲི༢༥༽
认定标准ངོས་འཛིན་ཚད་གཞི།
门诊特殊疾病认定是指应在基本医疗保险定点范围内的二级乙等及以上医疗机构根据认定标准,确认参保人员所患疾病是否属于门诊特殊疾病病种以及能否享受门诊特殊疾病待遇的行为。
སྒོ་བསྟེན་དམིགས་བསལ་ནད་རིགས་ཀྱི་ངོས་འཛིན་ཞེས་པ་ནི།གཞི་རྩའི་སྨན་བཅོས་འགན་སྲུང་གི་དམིགས་བཙུགས་སྨན་བཅོས་ལས་ཁུངས་ཁྲོད་ཀྱི་ཚད་རིམ་གཉིས་པའམ་དེ་ལས་མཐོ་བའི་ལས་ཁུངས་ཀྱིས་ངོས་འཛིན་ལྟར།འགན་སྲུང་དུ་ཞུགས་མཁན་ལ་གཙེ་བའི་ནད་རིགས་དེ་སྒོ་བསྟེན་དམིགས་བསལ་ནད་རིགས་ལ་གཏོགས་མིན་དང་སྒོ་བསྟེན་དམིགས་བསལ་གྱི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་མིན་ལ་བརྟག་པ་ལ་བརྗོད།
申请门诊特殊疾病所需资料:
སྒོ་བསྟེན་དམིགས་བསལ་ནད་རིགས་ཞུ་བའི་རྒྱུ་ཆ།
(一)《阿坝州门诊特殊疾病认定申请表》
༼གཅིག༽《རྔ་བ་ཁུལ་སྒོ་བསྟེན་དམིགས་བསལ་ནད་རིགས་ཞུ་ཡིག》
(二)本人身份证或社保卡复印件;
༼གཉིས།༽སྒེར་གྱི་ཐོབ་ཐང་ལག་འཁྱེར་རམ་སྤྱི་ཚོགས་འགན་སྲུང་བྱང་བུའི་བསྐྱར་དཔར་ཡིག་ཆ།
(三)近期内医疗机构出具的疾病诊断证明书(加盖公章),与申报病种相应的检查报告等材料。
༼གསུམ།༽ཉེ་དུས་སུ་སྨན་བཅོས་ལས་ཁུངས་ཀྱིས་བཏོན་པའི་ནད་རིགས་ངོས་འཛིན་དཔང་ཡིག༼སྤྱི་ཐམ་རྒྱག་དགོས༽དང་སྒོ་བསྟེན་དམིགས་བསལ་ནད་རིགས་དེ་ཉིད་ཞུ་བའི་ཞིབ་བཤེར་ཡིག་ཆ་སོགས།
1.门诊特殊疾病应先提交申请,审批通过后,才能将产生的医疗费用纳入报销,审批之前产生的医疗费用不予报销。申请所需资料请咨询医保局审核结算股。
སྒོ་བསྟེན་དམིགས་བསལ་ནད་རིགས་ཀྱི་སྨན་བཅོས་ཐོབ་ཐང་དེ་ངེས་པར་དུ་སྔོན་ལ་རེ་ཞུ་བྱས་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་སྒྲུབ་དགོས་ཤིང་།ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་སྒྲུབ་ཚར་རྗེས།སྒོ་བསྟེན་སྨན་བཅོས་ལས་བྱུང་བའི་འགྲོ་སོང་དེ་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་སུ་གཏོགས་པ་ལས།རེ་ཞུའམ་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་ཆ་ཚང་མ་སྒྲུབ་གོང་དུ་བྱུང་བའི་འགྲོ་སོང་དེ་སྲིད་ཇུས་ལྟར་འགྲོ་སོང་རྩིས་ཞུ་རྒྱག་མི་ཐུབ་པས།མི་སྒེར་གྱིས་འགན་ལེན་བྱེད་དགོས།སྒོ་བསྟེན་དམིགས་བསལ་ནད་རིགས་ཀྱི་སྨན་བཅོས་ཐོབ་ཐང་གི་རེ་ཞུ་བྱེད་པར་འདོན་སྤྲོད་བྱེད་དགོས་པའི་རྒྱུ་ཆ་གང་དག་ཡིན་པ་དེ་རྫོང་སྨན་བཅོས་འགན་སྲུང་ལས་ཁུངས་ཀྱི་ཞིབ་བཤེར་བསྡོམས་རྩིས་ཚན་ཁག་ཏུ་བློ་འདྲི་བྱེད་རོགས།
2.我州参保人员可在郫都区中医院、都江堰市阿坝州林业中心医院、成都西区医院、四川省林业中心医院、三六三医院(犀浦院区和武侯院区)共六家医院就近办理门诊慢特病认定资料齐全的情况下,认定工作不会超过30分钟。
རང་ཁུལ་གྱི་འགའ་སྲུང་དུ་ཞུགས་པའི་མི་སྣ་ཚོ་ཕི་ཏུའུ་ཁུལ་གྱི་ཀྲུང་དབྱིའི་སྨན་ཁང་།ཏུའུ་ཅང་ཡན་གྱི་རྔ་བ་ཁུལ་ནག་ལས་ལྟེ་གནས་སྨན་ཁང་།ཁྲེང་ཏུའུ་ནུབ་ཁུལ་སྨན་ཁང་།སི་ཁྲོན་ཞིང་ཆེན་གྱི་ནག་ལས་ལྟེ་གནས་སྨན་ཁང་།གསུམ་དྲུག་གསུམ་སྨན་ཁང༼ཞི་ཕུའུ་གླིང་ཁུལ་དང་ཝུའུ་ཧོའུ་གླིང་ཁུལ༽བཅས་སྨན་ཁང་དྲུག་ནས་དལ་བའི་རང་བཞིན་དང་ཚབས་ཆེའི་དམིགས་བསལ་སྒོ་བསྟེན་གྱི་ནད་ངོས་འཛིན་པའི་རྒྱུ་ཆ་ཆ་ཚང་སྤྲད་ན།སྐར་མ་༣༠ལས་མི་འདའ་བར་ངོས་འཛིན་ཐུབ་བོ།།
咨询电话:0837-2662697(红原县医疗保障事务中心审核结算股)
བློ་འདྲིའི་འབྲེལ་གཏུགས་ཁ་པར།༠༨༣༧-༢༦༦༢༦༩༧༼ཁྱུང་མཆུ་རྫོང་སྨན་བཅོས་འགན་སྲུང་ལས་ཁུངས་ཀྱི་ཞིབ་བཤེར་བསྡོམས་རྩིས་ཚན་ཁག༽
某学霸上岸笔记经验分享[火] 包括上岸学霸笔记、128个高频考点、手写三色笔记、速记口诀、材料作文30例、公基思维导图,扫码左侧二维码回复学霸笔记即可免费下载,仅限本周! |
免责声明:
1、本站部分内容来源于网络,若来源标注错误或侵犯了您的合法权益,请及时与我们客服联系,我们将及时更正、删除或依法处理。
2、以培训或任何理由收取费用、索要财物、扣押证照,均涉嫌违法。
3、客服邮箱:lhealth@qq.com